ག་ས་ག་ལ་མ་འགྲོ་བུ་མོ།

ག་ས་ག་ལ་མ་འགྲོ་བུ་མོ།
ག་ས་ག་ལ་མ་འགྲོ་བུ་མོ།
ཞལ་ང་ལ་གཟིགས་དང་མཛེས་མ།
ཕྱི་རྒྱུ་དངོས་པོའི་ཐོག་ལ་མ་གཟིགས།
ནང་སེམས་ཀྱི་བརྩེ་བ་ལ་ལྟོས་དང་།
ཁྱེད་ང་དང་མཉམ་དུ་མ་བསྡད།
ཁྱེད་གཞན་གྱི་རྒྱུ་ཡི་འོག་ལ་ཕྱིན་པ།
ང་ཁྱེད་རང་དྲན་པའི་སྐབས་ལ།
ང་གཞན་དང་འགྲོ་བསམ་པ་མིན་འདུག
མ་གཞི་ངེད་ཀྱིས་ཁྱེད་ལ་བཅངས་པའི་བརྩེ་བ།
ད་ལྟ་བར་དུ་བུ་མོ་གཞན་ལ་ཕུལ་མེད།
མ་གཞི་ཁྱེད་རང་གསུངས་དང་ང་ལ་དགའ་མ་དགའ།
ཨ་ཙི་ང་ནི་སེམས་པ་ཡང་སེ་སྐྱོ་མ་བཅུག་རོགས་གནང་དང་།
ཁྱེད་དང་པོ་མཐོང་བའི་སྐབས་ལ།
ཁྱེད་མཛེས་པས་ང་ཡི་སེམས་འཁྲུག་སོང་།
ང་ཁྱེད་རང་དྲན་པའི་སྐབས་ལ།
ང་གཞན་ལ་བལྟ་བསམ་པ་མིན་འདུག
མ་གཞི་གནམ་མཁའི་བླ་མ་དཀོན་མཆོག་གཟིགས་དང་།
བུ་ཆུང་ང་ལ་ཁྱུག་ཙམ་རོགས་པ་གནང་རོགས།
ངས་ཁོང་ལ་བཅངས་པའི་བརྩེ་བར་ལྷད་མེད།
ང་གཉིས་མཉམ་དུ་བསྡད་རྒྱུ་བྱུང་ན་དགའ་བ།