གངས་སེང་གི་ངར་སྒྲ།
མདོ་སྟོད་མདོ་སྨད་དབུས་གཙང་།
གངས་སེང་ང་ཚོའི་ངར་སྒྲ།
ཆིག་སྒྲིལ་ངང་ནས་འཛོམས་དང་།
ན་གཞོན་གཞན་ལས་ཆེ་བ།
རང་ཡུལ་རང་བཙན་བླངས་ནས།
རྒྱལ་ཁབ་འཛུགས་སྐུན་བྱེད་དགོས།
འཛམ་གླིང་ཞི་བདེར་བསྐྱོད་ནས།
གཅིག་ཕན་གཅིག་གྲོགས་བཟོ་དགོས།
ན་གཞོན་ང་ཚོ་ཚང་མ།
གངས་སེང་དཀར་མོའི་རྒྱུད་པ།
གངས་སེང་རྒྱ་ཐང་འགྲིམས་པ།
རྒྱ་དམར་ཀླ་ཀློས་བཟོས་སོང་།
གངས་སེང་ང་ཚོའི་བཟོད་བསྲན།
དེ་ནི་འཁྱོལ་བ་མིན་འདུག
ལོངས་ཤོག་དར་མའི་གངས་སེང་།
བོད་དེ་རང་འཙན་རྒྱལ་ཁབ།
ང་ཚོས་བཟོ་དགོས་ལགས་ན།
རྡོ་རྗེ་བྲག་ལས་མཁྲེགས་པ།
ན་གཞོན་ང་ཚོའི་གངས་སེང་།
པ་ཊ་ལས་ཀྱང་མཐད་པ།
ལོངས་ཤོག་ལོངས་ཤོག་གངས་སེང་།