ཁང་པ་དཀར་པོ།

ཁང་པ་དཀར་པོ་གྲུ་བཞི་ཡ་ལ།
སྒོ་ལས་སྒེའུ་ཁུང་མཛེས་པ་ལ།
དྭངས་ཤིང་གསལ་བའི་བཅོ་ལྔའི་ཟླ་བ།
སྒེའུ་ཁུང་རྣམས་ལ་འཕྲོས་སོང་།
གཞོན་ནུ་ཕོ་མོ་ཁང་པའི་འགྲམ་ལ།
དགའ་སྤྲོའི་ཞབས་གཞས་བརྒྱབ་སོང་།
ང་ཚོའི་འཚོ་བ་དེ་བཞིན་སྐྱིད་ལ་ཕུན་སུམ་ཚོགས་པ་ལ།
ཁམ་བུའི་མེ་ཏོག་དྲི་ཞིམ་ཡ་ལ།
འདི་ལས་ཤུག་པའི་འདབ་ལོ་མཛེས།
ཤུག་པའི་སྟེང་གི་བྱིའུ་ཆུང་ཡ་ལ།
འཇོལ་མོའི་གསུང་སྐད་སྙན་པ།
ཤུག་པའི་འོག་གི་གཞོན་ནུ་ཕོ་མོ་མཛའ་བརྩེའི་སྙིང་གཏམ་མང་བ།
ང་ཚོའི་མདུད་ལམ་མཛེས་སྡུག་ལྡན་པ་ཡངས་ཤིང་མཐའ་རྒྱ་ཆེ།