གངས་ལྗོངས་ལུང་པ།

 

གནམ་སྔོན་པོ་འོག་སྤྲིན་དཀར་པོ་དེ།
སྤྲིན་དཀར་ཁྱོད་ངས་དར་ལྕོག་གཅིག་བཙུགས།
དར་ལྕོག་གིས་ང་ལ་སྐད་ཆ་ཅིག་དྲིས།
ས་ཆ་འདི་ནི་ག་བ་ལུང་པ་རེད།
རི་མཐོ་པོའི་འདབས་ཀྱི་ཆུ་བོ་དེ།
ཆུ་བོས་ང་ལ་སྐད་ཆ་ཅིག་དྲིས།
ས་ཆ་འདི་ནི་ག་བ་ལུང་པ་རེད།
ས་ཆ་འདི་ནི་གངས་ལྗོངས་ལུང་པ་རེད།
ང་བུ་ཆུང་ས་མཐོའི་ཡུལ་ལ་སོང་།
བུ་ཆུང་ཁྱོད་རང་ཕ་ཡུལ་གང་རེད་ཟེར།
ངའི་ཕ་ཡུལ་གངས་ལྗོངས་ལུང་པ་རེད།
ས་ཆ་དེ་ནི་ང་ཡི་ཕ་ཡུལ་རེད།
ངའི་ཕ་ཡུལ་གངས་ལྗོངས་ལུང་པ་རེད།
ས་ཆ་དེ་ནི་ང་ཡི་ཕ་ཡུལ་རེད།
ངའི་ཕ་ཡུལ་གངས་ལྗོངས་ལུང་པ་རེད།
ས་ཆ་དེ་ནི་ང་ཡི་ཕ་ཡུལ་རེད།