གངས་ཕྲུག་གི་མདུན་ལམ།
ང་གངས་ཕྲུག་གངས་རིའི་འདབས་ལ་སྐྱེས།
གངས་དཀར་པོའི་བཀའ་དྲིན་མ་བརྗེད་ཟེར།
ཨེ་མ་གངས་རིའི་ཚོ་གྲོགས་པོའི་མདུན་ལམ་གང་རེད་གང་རེད་ཟེར།
ང་ཚོའི་ལ་རྒྱ་སྙིང་ནས་སྐྱོང་ཡ།
ང་ཚོའི་ཕ་ཡུལ་གངས་ལྗོངས་ཡ་ལ་རེད།
རེད་གངས་རིའི་སྤུན་ཟླའི་ལ་རྒྱ་མ་བརྗེད་ཟེར་ལ་ཟེར།
ང་གངས་ཕྲུག་གསེར་ལྗོངས་ཡུལ་ལ་སོང་།
བན་སེར་མོ་ཞིག་ལ་བགྲོ་གློང་བྱས།
ཨེ་མ་གངས་རིའི་ཚོ་སྤུན་ཟླ་ཁྱེད་ཀྱི་མདུན་ལམ་གང་རེད་ཟེར་ཡ།
གངས་རིའི་ལ་རྒྱ་སྦྱོང་བའི་གནས་ལ་སྦྱོངས་ཡ་ལ་ཟེར།
གངས་རིའི་ལ་རྒྱ་སྦྱོང་བའི་གངས་ཕྲུག་ཚོ་ཡ་ལ་གསོལ།
ཁྱེད་ཀྱིས་མདུན་ལམ་རིག་པའི་གནས་ལ་སྦྱོངས་ལ་ཟེར་ཡ་ལ་ཟེར།
ང་གངས་ཕྲུག་བདེ་ཆེན་གྲོང་ན་སོང་།
ངས་མི་རྒན་ཞིག་ལ་གཏམ་ཞིག་དྲིས།
ཨེ་མ་གངས་ཕྲུགགཞོན་ནུ་ཁྱེད་ཀྱི་མདུན་ལས་གང་རེད་ཟེར་ཡ།
ཁྱེད་ཀྱིས་མདུན་ལམ་སྤུན་ཟླ་ནང་མཐུན་མཐུན་རེད་ཡ་ལ་ཟེར།
ང་ཚོའི་ཕ་ཡུལ་གངས་ལྗོངས་ལ་རེད་ཡ་ལ་རེད།
སྤུན་ཟླ་ནང་མཐུན་མདུན་ལམ་གཅིག་པུ་འཚོ་ཡ་ལ་གསོལ།