གངས་ཆུ་དཀར་པོའི་མི་རིགས།

སྔོན་མོའི་ཆབ་རྒྱུན་རིང་པོ།
ཆུ་འགོ་གངས་རི་གཅིག་རེད།
ཆུ་མོ་སོ་སོར་གྱེས་ཀྱང་།
འཛོམས་ས་རྒྱ་མཚོ་གཅིག་རེད།
ས་གཞི་གངས་རི་དཀར་པོ།
ཧི་མ་ལ་ཡའི་རི་བརྒྱུད།
བདེ་ལྡན་ཞིང་གི་གྲོགས་པོ།
གངས་ཆུ་དཀར་པོའི་མི་རིགས།