གངས་ཅན་བོད་ཀྱི་ནོར་བུ།

སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།
སྐུ་ཚེ་ཞབས་པད་བརྟན་པར་ཤོག
ཤར་ཕྱོགས་གསེར་གྱི་རི་ནས།
གསེར་གྱི་ཉི་མ་ཤར་བྱང་།
ཁྲི་གདུགས་ཉི་མིའི་འོད་ཟེར།
འཛམ་གླིང་ཡོངས་ལ་ཁྱབ་སོང་།
རྟགས་ལུང་ཨ་ཀ་མ་ཡིས།
ལྷ་མོའི་བླ་མཚོའི་དཀྱིལ་ནས།
གངས་ཅན་བོད་ཀྱི་ནོར་བུ།
བསུ་བ་ཞུས་ནས་ཕེབས་བྱུང་།
སྟག་འཚེར་སྐྱིད་པའི་འཁྲུངས་ཡུལ།
རྒྱལ་ཡུམ་བྱམས་པའི་ཨ་མ།
༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ།
འགྲོ་པའི་མགོན་དུ་ཕེབས་བྱུང་།
དགའ་པའི་ཞབས་བྲོ་འཁྲབ་དང་།
སྐྱིད་པའི་གླུ་དབྱངས་ལེན་དང་།
དགའ་སྐྱིད་ལྡན་པའི་ཞབས་བྲོ།
ཁྱེད་ལ་སྨོན་འདུན་ཞུ་ཆོག