མེས་བོའི་གཟི་བརྗིད།
ཀ་ཁ་ག་ང་གངས་རིའི་བླ་སྲོག་ཡིན།
སེང་གེ་དཀར་མོ་བོད་པའི་རྟགས་མཚན་ཡིན།
མེས་དབོན་རྣམ་གསུམ་ང་ཚོའི་ཡབ་མེས་ཡིན།
ཆེན་པོ་བོད་ཀྱི་ཡུལ་འདིའི་གཟི་བརྗིད་ཡིན།
སུམ་རྟགས་དག་གསུམ་ང་ཚོའི་ལམ་སྟོན་ཡིན།
སྙན་ངག་མངོན་བརྗོད་ཁ་བའི་ལང་ཚོ་ཡིན།
མཁས་མཆོག་ཐོན་མི་ང་ཚོའི་ལམ་སྟོན་ཡིན།
ཆེན་པོ་བོད་ཀྱི་ཡུལ་འདིའི་གཟི་བརྗིད་ཡིན།
ཁ་བཏགས་དཀར་པོ་བོད་མིའི་སེམས་པ་ཡིན།
སྦྲང་དཀར་རྩམ་པ་བོད་མིའི་ཕ་ཟས་ཡིན།
ཕ་སྐད་གཙང་མ་མཐུན་སྒྲིལ་རྩ་བ་ཡིན།
ཆེན་པོ་བོད་ཀྱི་ཡུལ་འདིའི་གཟི་བརྗིད་ཡིན།
ཁ་བ་དཀར་པོ་བོད་མིའི་རྟགས་མཚན་ཡིན།
འཚེ་མེད་ཞི་བདེ་བོད་མིའི་རེ་བསྐུལ་ཡིན།
ཕོ་བྲང་དཀར་དམར་ལོ་རྒྱུས་བདེན་དཔང་ཡིན།
ཆེན་པོ་བོད་ཀྱི་ཡུལ་འདིའི་གཟི་བརྗིད་ཡིན།
ཕོ་བྲང་དཀར་དམར་ལོ་རྒྱུས་བདེན་དཔང་ཡིན།
ཆེན་པོ་བོད་ཀྱི་ཡུལ་འདིའི་གཟི་བརྗིད་ཡིན།
ཡུལ་འདིའི་གཟི་བརྗིད་ཡིན།