གང་མགྱོགས་མཇལ་བའི་སྨིན་ལམ།

ཁྱེད་ནི་མི་ཡུལ་ལུང་པ།
ས་ཐག་རིང་སོང་སེམས་ནང་མ་བསམ།
ལས་དང་སྐལ་བ་ཡོད་ན།
མགྱོགས་ནས་མྱུར་དུ་མཇལ་ཡོང་།
ཁྱེད་ཀྱི་ཞལ་རས་དྲན་དུས།
ང་ཡི་མིག་ཆུ་དབང་མེད་ཤོར་བྱུང་།
བུ་མོ་ཁྱེད་ཀྱི་སེམས་ནང་།
བུ་ང་བློ་ལ་ཡོད་ན།
ཆུ་དང་ཉ་མོ་ནང་བཞིན།
མི་ཚེ་ཁྱེད་དང་མཉམ་དུ་བསྐྱལ་ཆོག
སྐྱོ་བའི་གླུ་གཞས་འདི་ནི།
བུ་མོ་ཁྱེད་ཀྱི་ཕྱོགས་སུ་བཏང་ཡོད།
ཁྱེད་ཀྱི་ཞལ་རས་དྲན་དུས།
ང་མི་མིག་ཆུ་དབང་མེད་ཤོར་བྱུང་།