ཁྱེད་དང་ང་།

ཁྱེད་དང་ང་རང་གཉིས་པོ།
ཆ་རྒྱུས་མི་འདུག་མ་གསུང་།
ངེད་གཉིས་སྐྱེས་ས་འཚར་ས།
གངས་དཀར་རི་བོའི་འདབས་རེད།
ཁྱེད་དང་ང་རང་གཉིས་པོ།
ཁ་ཁ་རེད་ཟེར་མ་གསུང་།
སྐྱེས་པའི་ཡབ་ཡུམ་མ་གཅིག
གངས་རིའི་བུ་ཕྲུག་ཆ་རེད།
ཁྱེད་དང་ང་རང་གཉིས་པོ།
ས་ཐག་རྒྱང་སོང་མ་གསུང་།
ལུས་པོ་ས་ཐག་རྒྱང་ཡང་།
སེམས་དང་སེམས་པ་འབྲེལ་ཡོད།
ཁྱེད་དང་ང་རང་གཉིས་པོ།
ས་ཐག་རྒྱང་སོང་མ་གསུང་།
ལུས་པོ་ས་ཐག་རྒྱང་ཡང་།
སེམས་དང་སེམས་པ་འབྲེལ་ཡོད།
ཁྱེད་དང་ང་རང་གཉིས་པོ།
ཆ་རྒྱུས་མི་འདུག་མ་གསུང་།
ངེད་གཉིས་སྐྱེས་ས་འཚར་ས།
གངས་དཀར་རི་བོའི་འདབས་རེད།
ཁྱེད་དང་ང་རང་གཉིས་པོ།
ཁ་ཁ་རེད་ཟེར་མ་གསུང་།
སྐྱེས་པའི་ཡབ་ཡུམ་མ་གཅིག
གངས་རིའི་བུ་ཕྲུག་ཆ་རེད།
ཁྱེད་དང་ང་རང་གཉིས་པོ།
མཇལ་དུས་མི་འདུག་མ་གསུང་།
རི་འགོར་ཉི་མ་ཤར་དུས།
མཇལ་བའི་དུས་ཞིག་ལོས་ཡོང་།
ཁྱེད་དང་ང་རང་གཉིས་པོ།
བསམ་འདུན་བཟང་པོ་ཆ་རེད།
སྐྱིད་དགའ་ལོངས་སྤྱོད་འདོད་པའི།
བསམ་འདུན་བཟང་པོ་ཆ་རེད།