ཁ་བྲལ།
ང་ཡི། མི་ཚེ་ཁྱེད་དང་། མཉམ་དུ་བྱུང་ན་བསམ་བྱུང་།
ཐོག་མར་ང་གཉིས་ཀྱི་མི་ཚེ་འདི། དབྱར་ཁའི་མེ་ཏོག་འདྲ་བ།
མི་ཚེ་འགྲོ་བཞིན་འགྲོ་བཞིན་ཡོང་དུས། ང་གཉིས་ཀྱི་བརྩེ་བ་བྲལ་སོང་།
ཡིན་ཡང། ཁེད་དང་བྲལ་བའི་དུས། འདི་ཤར་ཡོང་བསམ་པ་མ་བྱུང་།
ཁྱེད་ཀྱིས་ང་ལ་གནང་བའི་བརྩེ་བ། ང་ཡིས་མ་བརྗེད་སེམས་ནང་བཞག་ཆོག
ང་ཡི་ལུས་པོ་གཅིག་པུར་ལུས་ཀྱང་། ངའི་སེམས་འདི་ཁྱེད་དང་མཉམ་དུ་ཡོད།
ང་གཉིས་འབྲལ་དགོས་བྱུང་ཡང་། ཉིན་མཚན་ཁྱེད་རང་བསམ་ནས་ཡོད།
སེམས་པ་སྐྱོ་སྐྱོ་མ་གནང་སྙིང་སྡུག ལས་འབྲས་བསམ་ནས་ཕེབས་རོགས།
སྙིང་སྡུག་གསར་པ་གཅིག་དང་། ཁྱེད་ཀྱི་མི་ཚེ་གསར་པ་འགོ་འཙུགས།
ང་ཡི་སྐྱོ་བའི་སེམས་ཀྱི་མིག་ཆུ་ལ། སེམས་པ་ཆགས་ནས་མ་བཞུགས།