བཀའ་དྲིན་དྲན་བསྐུལ།

འཛམ་གླིང་འདི་ཡི་ཉི་མ།
ས་སྟེང་འདི་ཡི་མཁན་ནོར།
འགྲོ་བ་ཡོངས་ཀྱི་ཕ་མ།
རྒྱལ་དབང་བསྟན་འཛིན་རྒྱ་མཚོ།
བོད་འབངས་ཡོངས་ལ་གཟིགས་སོང་།
ནང་བསྟན་ཡོངས་ལ་གཅེས་སོང་།
མི་རིགས་ཁྱད་པར་མེད་པར།
སྐྱ་སེར་ཡོངས་ལ་གཟིགས་སོང་།
བསླབ་གསུམ་ངུརི་ག་འཆང་ནས།
བསྟན་པ་རང་བརྒྱུད་བཏབ་སོང་།
ཐུགས་རྗེའི་ཉེ་རིང་མེད་པར།
ཀུན་ཁྱབ་ཉིམ་ཤར་སོང་།
བཀའ་དྲིན་ལྷག་པར་ཆེ་བས།
འདུལ་འཛིན་བླ་མ་གང་ལ།
དཔལ་འབྱོར་དབང་ཐང་ངོམས་ནས།
བཀའ་དྲིན་ཁྱད་གསོད་མ་བྱེད།
གང་གི་སྙིང་རྗེའི་བྱམས་སྐྱོང་།
འགྱུར་མེད་སྙིང་ང་ལ་བཅངས་པ།
བུ་ངའི་སྙིང་གི་རེ་བ།
དབང་མེད་སྙིང་ནས་ཤོར་སོང་།