ཁ་བཏགས་འདོམ་གསུམ།
ངའི་ལག་ན་ཁ་དར་འདོམ་གསུམ་ཡོད།
བོད་ཆོལ་ཁ་གསུམ་གྱི་མགུལ་དར་ཡིན།
ཁོང་ཡི་བཞིན་ནོར་བུའི་ཕྱག་ལ་འབུལ།
ཕྱག་སྐྱབས་སྦྱིན་འོག་ནས་སྐྱབས་འཇུག་ཞུ།
བོད་ཆོལ་ཁ་གསུམ་གྱི་བསམ་དོན་འགྲུབ་པ་ཤོག
ངའི་ངག་ན་གསོལ་འདེབས་ཚིག་གསུམ་ཡོད།
བོད་ཆོལ་ཁ་གསུམ་གྱི་ཞལ་འདོན་ཡིན།
ཁོང་ཡི་བཞིན་ནོར་བུའི་སྙན་ལ་ཞུ།
བོད་ཆོལ་ཁ་གསུམ་གྱི་བསམ་དོན་འགྲུབ་པ་ཤོག
ངའི་ཡིད་ན་དད་པ་ཉག་གཅིག་ཡོད།
བོད་ཆོལ་ཁ་གསུམ་གྱི་ལྷག་བསམ་ཡིན།
ཁོང་ཡི་བཞིན་ནོར་བུའི་ཐུགས་ལ་འབུལ།
ཐུགས་སྙིང་རྗེ་ཆེན་པོའི་བྱིན་རླབས་ཞུ།
བོད་ཆོལ་ཁ་གསུམ་གྱི་བསམ་དོན་འགྲུབ་པ་ཤོག