སྐར་མ་གཅིག་ཤར་གཉིས་ཤར།

ཤར་ནས་སྐར་མ་གཅིག་ཤར།
ནུབ་ནས་སྐར་མ་གཉིས་ཤར།
སྐར་མ་གཅིག་ཤར་གཉིས་ཤར།
ནམ་མཁའ་སྐར་གྲལ་བསྒྲིགས་སོང་།
བུ་ངས་ཞུས་པའི་མཆོད་ཆང་།
མཉེས་བཞེས་གསུམ་དག་གནང་དང་།
མཁའ་འགྲོས་ནམ་མཁའི་བླ་ནས།
ཡིད་ནས་བཀྲ་ཤེས་དགའ་གླུ་ལེན།
དཀར་ཡོལ་འབྲུག་རིས་ནང་ལ།
ནས་ཀྱི་བདུད་རྩི་ཞུས་ཡོད།
ལེགས་ཉེས་ཐུགས་སྨོན་གནང་ནས།
དེ་ནས་ཡིད་འཕྲོག་ཁྱེད་ལ་ཕུལ་ཡོད།
ང་ཚོ་འདི་རུ་འཛོམས་འཛོམས།
གཏན་དུ་འཛོམས་རྒྱུ་བྱུང་ན།
གཏན་དུ་འཛོམས་པའི་མི་ལ།
སྙུང་གཞི་གོད་ཆག་མ་གཏོང་།