སྐལ་བཟང་གསུང་ལ་ཡར་འགྲོ།
སྐལ་བཟང་གསུང་ལ་ཡར་འགྲོ་ལགས།
མཆོད་ཆང་མང་རྩིའི་ཉིང་ཁུ་ལ།
སྐལ་བཟང་ཡར་འགྲོ་ལགས།
ངའི།
བུ་མོའི་ཞལ་ལ་ཕུལ་ཡོད།
སྐལ་བཟང་གསུང་ལ་ཡར་འགྲོ་ལགས།
བུ་མོ་མེ་ཏོག་ལྷ་མཛེས་ལགས།
མཆོད་ཆང་མཉེས་དག་གནང་དང་།
སྐལ་བཟང་ཡར་འགྲོ་ལགས།
ངའི།
མཆོད་ཆང་མཉེས་དག་གནང་དང་།
སྐལ་བཟང་གསུང་ལ་ཡར་འགྲོ་ལགས།
ཆང་དེ་དང་པོས་མ་བཟི།
ངའི།
ཆང་དེ་གཉིས་པས་མ་བཟི།
མཛེས་ལྡན་ལྷ་མོས་ཞུས་པའི།
ཞལ་དཀར་གང་གི་བཟི་སོང་།