སྐལ་བཟང་དགའ་སྟོན།
སྐལ་བཟང་སྐལ་པ་བཟང་སོང་།
དགའ་བའི་གླུ་ལེན།
སྒྱིད་པའི་ཞབས་གཞས་ལ་ཕེབས།
དགའ་བ་དང་སྐྱིད་པ།
རྒྱ་སྡེ་ཁྲོམ་པའི་དཀྱིལ་ནས།
ཚེ་རིང་ལ་མཚོ་མོ།
ཞབས་གཞས་ལ་ཕེབས་དང་།
སྐལ་བཟང་སྐལ་པ་བཟང་སོང་།
ཞིམ་པའི་མཆོད་ཆང་།
ཨ་རག་བདུད་རྩི།
ཞབས་དག་ལ་ཡོད་དོ།
བཞུགས་གྲལ་འོད་ཀྱིས་ཁེངས་སོ།
ཚེ་རིང་ལ་མཚོ་མོ།
ཞབས་གཞས་ལ་ཕེབས་དང་།
སྐལ་བཟང་སྐལ་པ་བཟང་སོང་།
དོ་དགོང་སྡོད་པའི་གནས་ཚང་བདག་གིས་ཞུ།
གཟིམ་ཆུང་ནང་ལ་ཕེབས་དང་།
དགའ་དགའ་སྐྱིད་སྐྱིད་གནང་ནས།
ཚེ་རིང་ལ་མཚོ་མོ།
དོ་དགོང་བཞུགས་ཤག་གནང་དང་།