ཇི་སྲིད་ནམ་མཁའ་མ་སྟོང་བར།
ཕྱག་ན་པད་མོའི་ཐུགས་རྗེ་འོད་སྟོང་ལས།
ས་སྟེང་བྱམས་དང་སྙིང་རྗེའི་པད་ཚལ་མཛེས།
འདི་ཉིད་རབ་རྒྱས་ཕན་བདེ་སྤེལ་བའི་སླད།
ངོ་མཚར་བྱ་ཐབས་བཀའ་སློབ་ནོར་བུའི་ཕྲེང་།
ཁྱེད་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཡིན།
ཁྱེད་ནི་ང་ཚོའི་སྲོག་རྩ་ཡིན།
ཁྱེད་ནི་ཕྱི་མ་འདྲེན་པའི་བླ་མ་ཡིན།
བཀའ་དྲིན་མ་བརྗེད་སྙིང་ལ་བཅངས།
ཁ་བའི་ལྗོངས།
ཁ་བའི་ལྗོངས་ཀྱི་སྐྱབས་མགོན་མཛོད།
ཕངས་མེད་དགྱེས་བརྩེས་ང་ཚོར་བསྩལ་བའི་དྲིན།
ནམ་ཡང་མ་བརྗེད་སྙིང་དབུས་ལེགས་བཅངས་ནས།
རང་བཙན་བཀྲ་ཤིས་ཉི་མ་ཤར་བའི་སླད།
ཆོས་སྲིད་འཛུགས་སྐྲུན་ཞབས་འདེགས་བཀའ་བཞིན་ཞུ།
ཁྱེད་ནི་སྡུག་བསྔལ་ཅན་གྱི་སེམས་གསོ་ཡིན།
ཁྱེད་ནི་སྙིང་རྗེ་ཆེན་མོ་ཡིན།
ཁྱེད་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན།
ཁྱེད་ནི་སྤྱན་རས་གཟིགས་དབང་ཡིན།
ཁ་བའི་ལྗོངས།
ཁ་བའི་ལྗོངས་ཀྱི་སྐྱབས་མགོན་མཛོད།
ཉམ་ཐག་ཁ་བའི་ལྗོངས་ཀྱི་སྐྱེ་འགྲོ་རྣམས།
གདུང་ཤུགས་དྲག་པོས་གསོལ་འདེབས་ལ།
ཇི་སྲིད་ནམ་མཁའ་མ་སྟོང་བར་དུ་ཁྱེད།
ཁ་བའི་ལྗོངས་ཀྱི་སྐྱབས་མགོན་མཛོད།
ཁ་བའི་ལྗོངས།
ཁ་བའི་ལྗོངས་ཀྱི་སྐྱབས་མགོན་མཛོད།