མཛེས་མ།
བལྟ་ན་སྡུག་པའི་མཛེས་མ།
ང་ལ་སྤྱན་ཅིག་གཟིགས་དང་།
ཚེ་སྔོནལས་ཀྱི་དད་དེས།
ངའི་སེམས་ཁྱེད་ལ་ཤོར་སོང་།
ཐུགས་ལ་གང་བབས་ཞལ་གསང་གནང་རོགས།
ལོ་ངོ་བཅོ་ལྔའི་རིང་ལ།
བསམ་རྒྱུ་ཁྱེད་ལས་གཞན་མེད།
ད་དུང་ཁྱེད་ཀྱི་གཏན་གྲོགས།
ཡོང་བའི་རེ་བ་ཨེ་ཡོད།
མ་གསང་དྲང་པོའི་གཏམ་དེ་གསུངས་རོགས་གནང་།