མཇལ་དུ་འགྲོ།

རྒྱ་གར་རྡོ་རྗེའི་གདན་ལ་འགྲོ་འདོད་ཡོད།
ང་ཡི་རྩ་བའི་བླ་མར་མཇལ་འདོད་ཡོད།
ལག་ཁ་བཏགས་བཟུང་ནས་མཇལ་དུ་འགྲོ།
ང་ཡི་རྩ་བའི་བླ་མར་མཇལ་འདོད་ཡོད།
ལག་ཁ་བཏགས་བཟུང་ནས་མཇལ་དུ་འགྲོ།
ཉི་མ་ལྷ་སའི་ཕྱོགས་ལ་འགྲོ་འདོད་ཡོད།
ཇོ་བོ་ཡིད་བཞིན་ནོར་བུར་མཇལ་འདོད་ཡོད།
ལག་ཁ་བཏགས་བཟུང་ནས་མཇལ་དུ་འགྲོ།
ཇོ་བོ་ཡིད་བཞིན་ནོར་བུར་མཇལ་འདོད་ཡོད།
ལག་ཁ་བཏགས་བཟུང་ནས་མཇལ་དུ་འགྲོ།
སྐྱིད་པོ་རང་ཡུལ་ཕྱོགས་ལ་འགྲོ་འདོད་ཡོད།
དྲིན་ཆེན་པ་མའི་དྲིན་ལན་མཇལ་དུ་འགྲོ།
ངག་གླུ་ཆུང་ལོངས་དང་མཇལ་དུ་འགྲོ།
དྲིན་ཆེན་པ་མའི་དྲིན་ལན་མཇལ་དུ་འགྲོ།
ངག་གླུ་ཆུང་ལོངས་དང་མཇལ་དུ་འགྲོ།