བྱ་གསུམ།
སྟོད་གན་ན་བྱ་གསུམ་འཕུར་ནོ་འདི།
བྱ་སྔོན་མ་རྨ་བྱ་སྒྲོ་ཡག་རེད།
བྱ་ཡག་ནས་རྨ་བྱ་མ་རེད་ད།
སྒྲོ་ཡག་ལ་བུམ་པའི་ཁ་རྒྱན་རེད།
གསེར་བུམ་ཆུང་འཇིན་པའི་བླ་མ་ཚོ།
བྱ་དེ་ཆོ་མ་བརྗེད་ཐུགས་ལ་ཐུང་།
གསེར་བུམ་ཆུང་འཇིན་པའི་བླ་མ་ཚོ།
བྱ་དེ་ཆོ་མ་བརྗེད་ཐུགས་ལ་ཐུང་།
སྟོད་གན་ན་བྱ་གསུམ་འཕུར་ནོ་འདི།
བྱ་བར་མ་ཐང་དཀར་སྒྲོ་ཡག་རེད།
བྱ་ཡག་ནས་སྟག་ཤར་མ་རེད་ད།
སྒྲོ་ཡག་གི་མདའ་མོའི་གཏོད་བྱེད་རེད།
མདའ་ཉག་ཕྲན་འཇིན་པའི་སྟག་ཤར་ཚོ།
བྱ་དེ་ཆོ་མ་བརྗེད་ཐུགས་ལ་ཐུང་།
མདའ་ཉག་ཕྲན་འཇིན་པའི་སྟག་ཤར་ཚོ།
བྱ་དེ་ཆོ་མ་བརྗེད་ཐུགས་ལ་ཐུང་།
སྟོད་གན་ན་བྱ་གསུམ་འཕུར་ནོ་འདི།
བྱ་རྗེས་མ་ཁུ་བྱུག་སྔོན་མོ་རེད།
བྱ་ཡག་ནས་བུ་མོ་མ་རེད་ད།
སྐད་ཡག་པ་བུ་མོའི་གནས་སྐད་རེད།
སྨད་བུ་མོ་གནས་ལ་འགྲོ་ནི་ཚོ།
བྱ་དེ་ཆོ་མ་བརྗེད་ཐུགས་ལ་ཐུང་།
སྨད་བུ་མོ་གནས་ལ་འགྲོ་ནི་ཚོ།
བྱ་དེ་ཆོ་མ་བརྗེད་ཐུགས་ལ་ཐུང་།
སྨད་བུ་མོ་གནས་ལ་འགྲོ་ནི་ཚོ།
བྱ་དེ་ཆོ་མ་བརྗེད་ཐུགས་ལ་ཐུང་།