བྱམས་བརྩེ།

ཁྱེད་ནི་ཆོལ་གསུམ་བོད་རིགས་སྤུན་ཟླའི།
འདི་ཕྱི་གཉིས་ཀྱི་སྐྱབས་གནས་བླ་མ་ཁྱེད་ཡིན།
ཁྱེད་ཀྱི་ཐུགས་ནི་བྱམས་དང་བརྩེ།
རིགས་དྲུག་ཡོངས་ལ་ཕྱེ་ནས།
རྒྱལ་ཀུན་མོས་པའི་མཚན་བཟང་འཛམ་གླིང་ཡོངས་ལ་གྲགས་སོང་།
རང་ཅག་དགའ་སྤོབ་སྐྱེས་ཤོང་གཞན་ཁམས་བདེ་ལ་འཁོད་སོང་།
གཞིས་བྱེས་བོད་མི་ཡོངས་ཀྱི་དབུ་འཁྲིད།
༸སྐྱབས་མགོན་བསྟན་འཛིན་རྒྱ་མཚོ།
ལུགས་གཉིས་ཆབ་སྲིད་མང་གཙོའི་སྲིད་གཞུང་།
གཞན་ན་མ་ཐོབ་རྩོད་གླེང་།
༸གོང་ས་སྐྱབས་མགོན་ཆེན་པོ་གངས་ཅན་བོད་ཀྱི་སྐྱིད་རྩ་བར།
བྱམས་སྙིང་ཐུགས་བརྩེ་མ་བོར་མ་འོངས་ལམ་སྟོན་གནང་སོང་།