བྱམས་པའི་བརྩེ་བ།

ནམ་མཁར་སྤྲིན་པ་འཐིབ་སོང་།
སིལ་སིལ་ཁབ་བབས་སོང་།
ཆུ་མོ་གཞུང་ལ་རྒྱུགས་སོང་།
སྙིང་སྡུག་ཡིད་ལ་འཁོར་སོང་།
བྱམས་པའི་བརྩེ་བ་དྲན་དུས།
མིག་ལ་འཆི་མ་འཁོར་སོང་།
བྱམས་པ་ཁྱེད་ལ་དགའ་བ།
སྐུ་གཟུགས་ཁྱུག་ཁྱུག་མེད་ཀྱང་།
ངང་རྒྱུད་ཆུ་ལས་རིང་བ།
ཞལ་རས་མཛེས་པོ་མེད་ཀྱང་།
སེམས་རྒྱུད་གསེར་ལས་བཟང་བ།
དཔལ་འབྱོར་ལོངས་སྤྱོད་མེད་ཀྱང་།
སེམས་པ་བག་ཕེབས་ལྡན་པ།
འཇོན་ཐང་ཆེན་པོ་མེད་ཀྱང།་
བརྩེ་དུང་བྲག་ལས་བརྟན་པ།