བྱམས་པའི་ཞལ་རས།
བསྒོམས་པའི་བླ་མའི་ཞལ་རས།
ཡིད་ལ་འཆར་རྒྱུ་མི་འདུག
མ་བསྒོམས་བྱམས་པའི་ཞལ་རས།
ཡིད་ལ་ཡང་ཡང་ཤར་བྱུང་།
ཡིད་ལ་ཡང་ཡང་ཤར་བྱུང་།
སེམས་པ་འདི་ལ་འགྲོ་འགྲོ།
དམ་པའི་ཆོས་ལ་ཕྱིན་ན།
ཚེ་གཅིག་ལུས་གཅིག་ཉིད་ལ།
སངས་རྒྱས་ཐོབ་པ་འདག་གོ
སངས་རྒྱས་ཐོབ་པ་འདག་གོ
ཆུང་རྟ་ཡར་འགྲོའི་དུས་ལ།
ཆུང་བསྐྱེད་དར་ལྕོག་བཙུགས་པས།
མརྫངས་མ་མ་བཟང་བུ་མོའི།
མགྲོན་པོ་ལ་ནི་པོས་བྱུང་།
སོ་དཀར་པགས་བའི་འརྫུམ་མདང་ས།
འཞུགས་གྲལ་སྤྱིལ་བལྷམ་ནས།
མིག་ཟུར་ཕྲ་མོའི་སྒྲིལ་མཚམས།
གཞོན་པའི་གདོང་ལ་བལྟས་བྱུང་།
གཞོན་པའི་གདོང་ལ་བལྟས་བྱུང་།