བྱམས་པ་སྒྲོལ་མ་ལགས།

ང་ཡི་བརྩེ་ལྡན་ལྷ་མོ།
བུ་ང་ལ་སྤྱན་གཅིག་གཟིགས་རོགས་དང་།
ང་གཉིས་ཚེ་སྔོན་ལས་ལ་ཐུག་པ་འདྲ་འདུག
བྱམས་པ་སྒྲོལ་མ་ལགས།
ཤིན་ཏུ་མཛེས་པའི་བུ་མོ།
བུ་ང་ལ་འཁྱུག་ཙམ་གསན་རོགས་དང་།
སེམས་ཆུང་འདི་ནང་།
ཁྱོད་རང་མ་གཏོགས་མི་འདུག་ཞུས་པས།
བྱམས་པ་སྒྲོལ་མ་ལགས།
བརྩེ་ལྡན་བྱམས་པ་སྒྲོལ་མ་ལགས།
འདི་འདྲ་སེམས་པ་ཁྲག་པོ་མ་གནང་།
བུ་ང་ལ་བགད་མོ་འཁྱུག་ཙམ་ཤོར་དང་།
བྱམས་པ་སྒྲོལ་མ་ལགས།
ས་ཐག་རྒྱང་ནས་ཡོང་ཡིན།
ཡིད་ལ་ཁྱོད་རང་འཁོར་ནས་ཡོང་ཡོད།
ཉམ་ཆུང་ང་ལ་སྤྱན་ལོག
གཟིགས་ཕ་མ་གནང་ཞུས་པས།
བྱམས་པ་སྒྲོལ་མ་ལགས།
ཚེ་སྔོན་ལས་དང་རྨི་ལམ་གྱིས།
ཚེ་འདིར་ཁྱོད་རང་བཀོད་པ་འདྲ་འདུག
ཉམ་ཆུང་བུ་ངའི་སྙིང་གི་ཚིལ་ལུ་ཡིན་ལ་ཞུས་པས།
བྱམས་པ་སྒྲོལ་མ་ལགས།
བརྩེ་ལྡན་བྱམས་པ་སྒྲོལ་མ་ལགས།
འདི་འདྲ་སེམས་པ་ཁྲག་པོ་མ་གནང།
བུ་ང་ལ་བགད་མོ་འཁྱུག་ཙམ་ཤོར་དང།
བྱམས་པ་སྒྲོལ་མ་ལགས།