བྱ་ལམ་གསུམ།
མཐོ་ནམ་མཁའི་བྱ་ལམ་གོང་མའི་ནང་།
བྱ་ཐང་དཀར་གསུམ་གྱི་ཡར་ཤོགས་ཟེར།
ཡར་མི་ཡོང་ཐང་དཀར་སྐུ་ཚེ་རིང་།
ཁྱེད་འདྲ་བ་ནམ་འཕང་ང་ལ་མེད།
མཐོ་ནམ་མཁའི་བྱ་ལམ་བར་མ་ནས།
བྱ་རྨ་བྱ་གསུམ་གྱི་ཡར་ཤོག་ཟེར།
ཡར་མི་ཡོང་རྨ་བྱ་སྐུ་ཚེ་རིང་།
ཁྱེད་འདྲ་བ་སྒྲོ་མིག་ང་ལ་མེད།
མཐོ་ནམ་མཁའི་བྱ་ལམ་འོག་ནས།
བྱ་ཁུ་བྱུག་གསུམ་གྱི་ཡར་ཤོག་ཟེར།
ཡར་མི་ཡོང་ཁུ་བྱུག་སྐུ་ཚེ་རིང་།
ཁྱེད་འདྲ་བ་གསུངས་སྐད་ང་ལ་མེད།