བྱ་དཀར་ལྷུན་པོ།
ཨ་མ།
ཁྱེད་ནི་མི་ཡུལ་གྱི་ལྷ་ཡིན།
བྱ་དཀར་པོ།
ཁྱེད་ནི་ཕ་ཡུལ་གྱི་རི་ཡིན།
བྱ་དཀར་པོ།
བྱ་དཀར་པོ་རྒྱང་རིང་ནས་ཕེབས་སོང་།
བུ་མོའི་ཕ་ཡུལ་ལ་བབས་བྱུང་།
བྱ་དཀར་པོ་བབས་པའི་ས་ལ།
འབྲི་དཀར་མོ་ནམ་ནཁའི་སྐར་མ་བཞིན་བཀྲམ་སོང་།
ཉི་མའི་ཕང་ནས་ཕེབས་པའི་བྱ་དཀར་པོ།
བབས་པའི་བྱ་དཀར་པོ།
ཨ་མ།
ཁྱེད་ནི་མི་ཡུལ་གྱི་ལྷ་ཡིན།
བྱ་དཀར་པོ།
ཁྱེད་ནི་ཕ་ཡུལ་གྱི་རི་ཡིན།
བྱ་དཀར་པོ།
བྱ་དཀར་པོའི་གཤོག་འགྱུར་ས་གཞི་ལ་བྲིས་ནས།
འབྲི་དཀར་མོའི་འོ་མ་མི་སེམས་ལ་འཁྱིལ་སོང་།
སེམས་དཀར་པོ་ཅན་གྱི་མི་ལ།
བྱ་དཀར་པོས་ཚེ་རིང་ནད་མེད་ཅིག་གནང་རོགས།
བུ་མོའི་ཕ་ཡུལ་ལ་བཞུགས་པའི་བྱ་དཀར་པོ།
བུ་མོའི་རྨི་ལམ་ལ་འཁོར་བའི་བྱ་དཀར་པོ།
བུ་མོའི་ཕ་ཡུལ་ལ་བཞུགས་པའི་བྱ་དཀར་པོ།
གངས་རིའི་སེམས་ཁོང་ལ་བབས་པའི་བྱ་དཀར་པོ།