ཧེ་བུ་མོ།
དགོས་པའི་སློབ་སྦྱོང་མི་བྱེད།
མི་དགོས་དང་དོད་ཚ་བའི།
བུ་མོ་ཁྲ་ཆིལ་སྦི་ཆིལ།
གཏད་བཟོ་དོད་ནས་གང་ཡོང་།
དབུ་སྐྲ་ཟ་ང་ཟིང་ངེ།
སྲིན་པོའི་སྐྲ་དང་འདྲ་ལ།
བཞིན་རས་དཀར་ཁྲ་དམར་ཁྲ།
ལྷ་མོའི་འབག་དང་འདྲ་བྱུང་།
སྟོད་ཐུང་ནུ་འབུར་ཟུར་སྟོན།
གུ་ཐུང་ཙི་ཙིའི་རྒྱུ་མ།
འཇར་རྟ་རྟིང་ཀ་ཙོག་ཙོག
སུ་ཡི་ལུགས་སྲོལ་ཡིན་ནམ།
ཕྱི་གླིང་མགོ་སེར་ཆ་ལུགས།
མགོ་ནག་བོད་མིས་བྱེད་སྐབས།
གཡས་གཡོན་གང་ནས་བལྟས་ཀྱང་།
མི་ཚོ་གད་མོ་ཤོར་གྱི།
དཀར་པོ་དམར་མོ་བྱུག་པར།
དགེ་རྒན་བརྟེན་དགོས་མི་འདུག
བུ་མོའི་སེམས་པ་འཕྲུལ་སྐབས།
མ་བསླབ་ལས་ཀྱིས་ཤེས་ཀྱི།
དང་འདོད་དེ་ཚོར་བྱེད་བྱེད།
སློབ་སྦྱོང་ཐོག་ལ་བྱེད་ན།
ཆེས་མཐོའི་མཐོ་སློབ་ལག་འཁྱེར།
མི་དགོས་ལས་ཀྱིས་སྤྲོད་ཡོང་།