དགའ་བསུའི་གཞས།
བཀྲ་ཤིས་བདེ་ལེགས་ཞུ་ལགས།
བཀྲ་ཤིས་རབ་དཀར་ལྷ་ཡི་དར།
དྲི་མ་མེད་པ་གཙང་ཞིང་ལེགས་པ་འདི་མཛའ་བརྩེས་ཁྱེད་ལ་འབུལ།
ཡིད་དགའ་ཞིང་གུས་པས་དགའ་བསུ་ཞུ།
པི་ལྦང་གླིང་བུའི་སྒྲ་དབྱངས།
དྲུག་ལྡན་རོལ་མོའི་ཆ་ཤས་རྫོགས།
ཡིད་འཕྲོག་གཞོན་ནུའི་ཕྲེང་བ་བསྟར་བསྒྲིགས་འདི་རང་གར་མ་ལགས་པས།
ཡིད་དགའ་ཞིང་གུས་པས་དགའ་བསུ་ཞུ།
ཡིད་འོང་པདྨ་དཀར་པོ།
མ་བཅོས་རང་བཞིན་ལྷ་ཡི་རྫས།
ངོ་མཚར་རྨད་བྱུང་དོན་དང་ལྡན་པ་འདི་དགའ་ཞིང་སྤྲོ་བས་འབུལ།
ཡིད་དགའ་ཞིང་གུས་པས་དགའ་བསུ་ཞུ།
གདུང་དྲུག་མིའུའི་རིགས་མྱུག་བསིལ་ལྡན་བོད་ཀྱི་ཡིད་ཅན་རྣམས།
ཆོས་སྲིད་ལུགས་གཉིས་དར་བའི་གཙང་མའི་རྒྱལ་ཁབ་ཡིད་འོང་དེ།
རང་བཙན་བསྐྱར་དུ་ལེན་ཕྱིར་ཆིག་སྒྲིལ་གྱིས།