རྒྱལ་བའི་འཁྲུངས་སྐར།

སྐུ་ཡི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཤར་ཕྱོགས་ཙོང་ཁའི་རི་རྩེ་ནས།
གསེར་གྱི་ཉི་མ་སེར་པོའི་སྐུ།
མདོ་དབུས་སྐོར་གསུམ་ཡོངས་ལ་ཤར།
ཉི་འོད་འཛམ་གླིང་ལ་ཁྱབ།
དབུས་གཙང་ཆོས་ཀྱི་ཞིང་ཁམས་ནས།
གཡུ་ཡི་ཁུ་བྱུག་སྔོན་མོའི་གསུང་།
རྒྱ་བོད་ཧོར་གསུམ་ཡོངས་ལ་སྒྲོག
སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ།
གངས་ཅན་བོད་ཀྱི་ཡུལ་ལྗོངས་ནས།
ཞི་བདེའི་རྒྱ་མཚོ་ཆེན་པོ་ཐུག
མཚོ་བཞིའི་གླིང་ལྔ་ཡོངས་ལ་ཕྱུར།
ཞི་བདེ་འཛམ་གླིང་ལ་ཁྱབ།