རྒྱུ་མཚན་ཅི་ཡིན་མ་ཤེས།

གྲང་ཆར་སིལ་མ་བབས་པ་དང་།
ལྕང་མ་རླུང་པོས་གཡོ་བའི་སྐབས།
ང་ཡི་སེམས་པ་གཏིང་ནས་སྐྱོ་བྱུང་།
རྒྱུ་མཚན་ཅི་ཡིན་ངས་མ་ཤེས།
ཐོ་རེངས་སྐར་ཆེན་ཤར་བ་དང་།
ཁུ་བྱུག་སྐད་སྙན་ཐོས་པའི་སྐབས།
ང་ཡི་ཨ་མ་ཡིད་ལ་དྲན་བྱུང་།
རྒྱུ་མཚན་ཅི་ཡིན་ངས་མ་ཤེས།
རྒྱུ་མཚན་ཅི་ཡིན་ངས་མ་ཤེས།
ང་ཡི་དྲིན་ཅན་ཨ་མ་ཡིད་ལ་དྲན།
ཨ་མའི་བཀའ་དྲིན་སེམས་ལ་དྲན་བཞིན་དུ།
དྲན་ཐེངས་རེ་ལ་ངུ་ཐེངས་རེ།
མེ་ཏོག་པདྨ་རྒྱས་པ་དང་།
བཅོ་ལྔའི་ཟླ་བ་ཤར་བའི་སྐབས།
ང་ཡི་ཆུང་འདྲིས་བྱམས་པ་དྲན་བྱུང་།
རྒྱུ་མཚན་ཅི་ཡིན་ངས་མ་ཤེས།
ལ་རྩེའི་དར་ལྕོག་གཡུག་པ་དང་།
རྫ་ཆུ་སིང་སིང་ཐོས་པའི་སྐབས།
ང་ཡི་གངས་ལྗོངས་ཡིད་ལ་དྲན་བྱུང་།
རྒྱུ་མཚན་ཅི་ཡིན་ངས་མ་ཤེས།
རྒྱུ་མཚན་ཅི་ཡིན་ངས་མ་ཤེས།
ང་ཡི་བརྩེ་བའི་ཁ་བའི་ལྗོངས་དེ་དྲན།
ཁྱེད་ཀྱི་སྡུག་བསྔལ་སེམས་ལ་དྲན་བཞིན་དུ།
དྲན་ཐེངས་རེ་ལ་ངུ་ཐེངས་རེད།