དགོངས་པ་མ་འཚོམས།

དགོངས་པ་མ་འཚོམས་རོགས།
ང་ཡི་སེམས་པ་ཁྱེད་ལ་ཤོར་སོང་།
ག་འདྲས་སེ་ལབ་དགོས་ཡིན་ན།
ག་འདྲས་སེ་སྟོན་དགོས་ཡིན་ན།
བུ་ངའི་སེམས་ཀྱི་སྐད་ཆ།
ཁྱེད་ཀྱི་མདུན་ལ་སླེབས་དུས།
ཚག་ཚིག་གི་ཤོར་གི།
ཨ་ཙིག་འདྲས་སེ་ལབ་དགོ་ཡིན་ན།
སེམས་པའི་ནང་གི་བརྩེ་སེམས།
ཁྱེད་ལ་བཤད་འདོད་ཡོད་ཀྱང་།
ཞུས་ནས་ཁྱེད་ཀྱིས་མ་གསན་ན།
སེམས་པ་ཧ་ཅང་སྐྱོ་བ།
ཚེ་སྔོན་ལས་ཀྱི་དབང་གིས།
ངའི་སེམས་ཁྱེད་ལ་ཤོར་ཡང་།
ཁྱེད་ཀྱི་གནང་སྟངས་མཐོང་དུས།
ངའི་སེམས་ཧ་ཅང་སྐྱོ་བ།
ཕན་ཚུལ་བློ་མཐུན་བྱུང་ནས།
མི་ཚེ་སྐྱེལ་རྒྱུ་བྱུང་ན།
བུ་ངའི་སེམས་ཀྱི་རེ་བ།
དེ་ལས་ལྷག་པ་མི་འདུག
མཚམས་མཚམས་དགའ་བའི་རྣམ་འགྱུར།
ང་རང་ཡིད་ལ་འཁོར་དུས།
མི་ཚེ་ཁྱེད་དང་མཉམ་དུ།
ཨ་ཙི་མཉམ་དུ་བྱུང་ན་བསམ་བྱུང་།