དགའ་བའི་མི་ཡང་འཛོམས་སོང་།

དགའ་བའི་མི་ཡང་འཛོམས་སོང་།
བཙོས་པའི་ཆང་ནི་ཞིམ་སོང་།
གནས་ལ་བྱུང་སེ་འོ།
རྟ་ལ་ལིང་ཤང་གཡོག
སྒ་ལ་གསེར་སྒ་གཡོག
བྱམས་པ་སྒྲོལ་མ་ལོའོ།
གཏན་དུ་འཛོམས་པའི་མི་ལ།
སྙུན་གཞི་གོད་ཆག་མ་གཏོང་།
གནས་ལ་བྱུང་སེ་འོ།
རྟ་ལ་ལིང་ཤང་གཡོག
སྒ་ལ་གསེར་སྒ་གཡོག
བྱམས་པ་སྒྲོལ་མ་ལོའོ།
སྐྱིད་པོ་ཨེ་ཡོང་བསམས་ནས།
ཞིང་ལ་སྲན་མ་བཏབ་ཡོད།
གནས་ལ་བྱུང་སེ་འོ།
རྟ་ལ་ལིང་ཤང་གཡོག
སྒ་ལ་གསེར་སྒ་གཡོག
བྱམས་པ་སྒྲོལ་མ་ལོའོ།
སྐྱིད་པོ་ཡོང་སྙིང་འདོད་ཤག
སྲན་མ་ལག་གདང་བཏང་ཡོད།