དགའ་རོགས།
ངའི་དགའ་རོགས་ཁྱེད་ལ་གཟིགས་དང་།
ང་ལ་བསམ་རྒྱུ་ཁྱེད་ལས་མེད།
ངའི་དགའ་རོགས་ཁྱེད་ལ་གཟིགས་དང་།
ང་ལ་དྲན་རྒྱུ་ཁྱེད་ལས་མེད།
ཁྱད་དང་མཉམ་དུ་སྡོད་རྒྱུ་བྱུང་ན།
ང་ལ་དགོས་རྒྱུ་གང་ཡང་མེད།
གཞན་གྱིས་ང་ལ་ག་རེ་ལབ་པ་ཡིན་ཡང་།
རྒྱད་པར་སྤུ་ཙམ་མེད།
སེམས་པ་ང་ཡིས་གང་ཞིག་བསམ་པ་ཡིན་ཡང་།
ཁྱེད་རང་བརྗེད་ཐབས་མེད།
བུ་ང་ས་ཕྱོགས་གང་དུ་སླེབས་པ་ཡིན་ཡང་ཁྱེད་རང་མ་དྲན་ཉིན་མོ་མི་འདུག
བསམ་རྒྱུ་ང་ལ་ཁྱེད་ལས་མི་འདུག
དྲན་རྒྱུ་ང་ལ་ཁྱེད་ལས་མི་འདུག
རིང་བའི་མི་ཚེ་སྐྱེལ་ནས་འགྲོ་སྐབས།
བུ་མོ་ཁྱེད་དང་མཇལ་བྱུང་།
གཤིབ་པའི་ཉིན་མོ་མང་པོ་མེད་ཀྱང་།
སེམས་པ་ཁྱེད་ལ་ཤོར་སོང་།
བརྩེ་དུང་གང་ཡིན་ཡིད་ཆེས་གང་ཡིན།
དེ་དུས་ང་ཡིས་མེ་ཤེས།
བུ་མོ་ཁྱེད་དང་དུས་གཅིག་ཁེལ་དུས།
དེ་ཡི་རྒྱུ་མཚན་ཤེས་བྱུང་།
བརྩེ་བ་ཟེར་བའི་མི་ཚེ་དེའི་ནང་།
བསམ་རྒྱུ་ཁྱེད་ལས་མ་བྱུང་།
དུས་ཡུན་གཤིབ་རྒྱུ་མ་བྱུང་ན་ཡང་།
དྲན་རྒྱུ་ཁྱེ་ལས་མ་བྱུང་།
གཞན་གྱི་ཁྱེད་ལ་ག་རེ་ལབ་པ་ཡིན་ཡང་།
ཁྱེད་ནི་ང་ཡི་མི་ཚེ།
གཞན་གྱི་ཁྱེད་ལ་ག་རེ་བསམ་པ་ཡིན་ཡང་།
ཁྱེད་ནི་ང་ཡི་དགའ་རོགས།