དྲིན་ཆེན་སྐྱེས་མ།

དྲིན་ཆེན་ཨ་མས།
རིན་ཆེན་མི་ལུས་གནང་བྱུང་།
བརྩེ་བའི་དྲིན་གྱིས།
བུ་ང་གསོ་སྐྱོང་གནང་བྱུང་།
བཀའ་དྲིན་ཆེན་པོས།
རིག་གནས་སྦྱོང་བར་བཏང་བྱུང་།
དྲིན་ཆེན་ཨ་མས།
འཚོ་བ་གསར་པ་གནང་བྱུང་།
ཐུགས་རྗེ་ཆེ་བའི་ཨ་མ།
བཀའ་དྲིན་ཆེ་བྱུང་ཨ་མ།
ཐུགས་རྗེ་ཆེ་བྱུང་ཨ་མ།
བཀའ་དྲིན་ཆེ་བའི་ཨ་མ།
ད་ཆ་བུ་ང་།
མི་ཚེའི་ལམ་དུ་བསྐྱོད་དུས།
ཨ་མ་ཁྱེད་ཀྱི།
དབུ་སྐྲ་དཀར་པོ་གྱུར་འདུག
ད་ཆ་ཁྱེད་རང་།
སྐུ་ལུས་ཉམས་སུ་སོང་བཞག
ཁྱེད་རང་དྲན་དུས།
བུ་ང་མིག་ཆུ་ཤོར་བྱུང་།
བྱམས་འརྩེ་ཅན་གྱི་ཨ་མ།
ཁྱེད་རང་དྲན་པའི་དུས་ལ།
བུ་ངས་ཁྱེད་ལ་བཅངས་པའི།
བརྩེ་སེམས་ནམ་ཡང་མི་འགྱུར།