དྲི་མེད་སྐྱེས་མཆོག
གངས་རིའི་བྱང་ཕྱོགས་འགྲོ་བའི་མུན་སེལ།
སྐྱེས་མཆོག་དྲི་མེད་ཟླ་བའི་འོད་དཀར།
ཁྱེད་ཉིད་བལྟམས་ཚེ་སེམས་པ་མང་པོས།
ལུང་བསྟན་ཤིས་བརྗོད་ངོ་མཚར་བླ་མ།
གཞོན་ནུའི་དུས་ནས་རྒྱལ་སྲས་རང་གཤིས།
འགྲོ་ལ་ཐུགས་བརྩེ་མ་འོངས་མཁྱེན་སོགས།
ཡ་མཚན་རྣམ་ཐར་བརྗོད་ཀྱང་མི་ཚར།
སྐྱེ་དགུའི་དཔོན་བདག་གི་བླ་མ།
མཁྱེན་ནོ་མཁྱེན་ནོ་དྲིན་ཆེན་བླ་མ།
མཁྱེན་མཁྱེན་ནོ་རྩ་བའི་བླ་མ།
མ་བཤིག་རྡོ་རྗེའི་ཁྲི་ལ་བཞུགས་རོགས།
བསྟན་འགྲོའི་དོན་དུ་རྡོ་རྗེའི་དམ་བཅའ།