དྲིན་ལན།

དྲིན་ཆེན་ཕ་མའི་དྲིན་ལན།
འདི་ནས་འཇལ་འདོད་ཡོད།
མི་དབང་ཕྱི་མིའི་ཡུལ་ལ་ཕེབས་སོང་།
འཇལ་འདོད་ཀྱང་འཇལ་ས་མེད།
བླ་མ་དཀོན་མཆོག་མཁྱེན།
དེའི་དོན་དུ་མ་ཎི་པདྨེ་ཧཱུྃ།
ༀ་མ་ཎི་པདྨེ་ཧཱུྃ།
དྲིན་ཅན་རྟ་ཕོའི་དྲིན་ལན།
འདི་ནས་འཇལ་འདོད་ཡོད།
མི་དབང་ཁྲམ་པའི་ལག་ལ་ཤོར་སོང་།
འཇལ་འདོད་ཀྱང་འཇལ་ས་མེད།
བླ་མ་དཀོན་མཆོག་མཁྱེན།
དེའི་དོན་དུ་མ་ཎི་པདྨེ་ཧཱུྃ།
ༀ་མ་ཎི་པདྨེ་ཧཱུྃ།