གྲོགས་པོ།
ངའི་གྲོགས་པོ་གྲོགས་མོ།
ཚུར་ལ་གསན་རོགས་གནང་།
སེམས་སྐྱིད་ངང་ནས།
གཞས་དང་ཞབས་བྲོ་འཁྲབ།
འདས་ཟིན་པའི་དུས་ཚོད།
དེ་རིང་དྲན་གསོ་གནང་།
སེམས་སྐྱིད་པའི་སྙིང་གཏམ།
ལྷོད་ལྷོད་གསུམ་རོགས་གནས་དང་།
ངའི་གྲོགས་པོ་གྲོགས་མོ།
དགའ་དགའ་སྤྲོ་སྤྲོ་གནང་དང་།
ཐུགས་སྤྲོ་པོ་ཡོང་བའི།
སྨོན་འདུན་ཡང་ཡང་ཞུས།
ཁྱེད་སྐུ་ཁམས་བཟང་བའི།
བཀྲ་ཤིས་སྨོན་ལམ་ཡོད།
བྱ་བ་ལ་ལམ་འགྲོ
ཡོང་བའི་སྨོན་འདུན་ཞུས།