སྒྲོལ་མ་ང་གཉིས།
བརྒྱ་ཕྲག་ལ་སྟོང་ཕྲག་ནང་ནས།
གློ་བུར་ཁྱེད་རང་འཕྲད་སྐབས།
སྔ་མོའི་ངོ་ཤེས་རྙིང་པ།
མཇལ་བའི་ཚོར་སྣང་ཤར་བྱུང་།
ཡིད་དབང་ལ་འཕྲོག་པའི་ཞལ་འཛུམ།
བུ་ངའི་ཕྱོགས་ལ་གཟིགས་དུས།
ཚེ་སྔོན་ཆུང་འདྲིས་བྱམས་པ།
མཇལ་བའི་ངེས་པ་བརྙེད་བྱུང་།
སྒྲོལ་མ་ང་གཉིས།
ཚེ་རབས་དུ་མའི་ལས་རེད།
སྒྲོལ་མ་ང་གཉིས།
ནམ་ཡང་བརྗེད་ཐབས་མེད་པའི་བརྩེ་བ།
སྒྲོལ་མ་ང་གཉིས།
ཁྱེད་དང་ང་གཉིས།
ཚེ་རབས་དུ་མའི་ལས།
ཁྱེད་དང་ང་གཉིས།
ནམ་ཡང་བརྗེད་ཐབས་མེད།
སྙན་པ་ལ་ཁྱེད་ཀྱི་གསུངས་སྐད།
ཐོས་པ་ཙམ་གྱིས་སེམས་ལ།
ཚེ་སྔོན་ངེད་གཉིས་སྙིང་གཏམ།
བཤད་པ་ལྷང་ལྷང་དྲན་བྱུང་།
མཛེས་པ་ཁྱེད་ཀྱི་སྤྱན་མིག
མཇལ་བ་ཙམ་གྱིས་སེམས་ལ།
ཚེ་སྔོན་བརྩེ་བའི་སྤྱན་ཆབ།
བསིལ་བ་ལྷང་ལྷང་དྲན་བྱུང་།
སྒྲོལ་མ་ང་གཉིས།
ཚེ་རབས་དུ་མའི་ལས་རེད།
སྒྲོལ་མ་ང་གཉིས།
ནམ་ཡང་བརྗེད་ཐབས་མེད་པའི་བརྩེ་བ།
སྒྲོལ་མ་ང་གཉིས།
ཁྱེད་དང་ང་གཉིས།
ཚེ་རབས་དུ་མའི་ལས།
ཁྱེད་དང་ང་གཉིས།
ནམ་ཡང་བརྗེད་ཐབས་མེད།