དོགས་པ་མ་བཟའ་རོགས།

ཞོགས་པ་སྔ་པོ་ལངས་དུས།
བུ་མོ་གསུངས་བསྙན་གོ་བྱུང་།
ངའི་མཛེས་ལྡན་ལྷ་མོ།
ཁྱོད་རང་ཡིད་ལ་འཁོར་བྱུང་།
མཛེས་ལྡན་ཁྱེད་རང་ཡིན་འགྲོ་བསམ་ནས་ཕྱི་ལོག་ལ་བལྟས་པས།
བུ་མོ་ཁྱེད་རང་མཇལ་ཡོང་བསམ་ནས་ཕྱི་ལོག་ལ་ཐོན་ཡིན།
དོགས་པ་མ་བཟའ་རོགས།
ཁྱེད་རང་དྲན་པའི་དུས་ལ།
སེམས་པ་དེ་འདྲ་སྐྱིད་བྱུང་།
འོན་ཀྱང་བྱེད་ཐབས་མེད་དུས།
ལས་རོགས་བསམ་ནས་བསྡད་ཡོད།
དོགས་པ་མ་བཟའ་རོགས།
ཞོགས་པ་སྔ་པོ་ལངས་དུས།
ཉལ་བའི་རྨི་མལ་ནང་ལ།
བུ་མོ་ཁྱེད་རང་ལ་མཇལ་བྱུང་།
སྐྱིད་པའི་དེ་འདྲ་རྨི་ལམ།
སླར་ཡང་བཏང་ན་བསམ་བྱང་།
དོགས་པ་མ་བཟའ་རོགས།