བདེ་བ་ཅན་གྱི་ཞིང་མིན།
ཕྱི་རྒྱལ་སྐད་གྲགས་ཆེ་ཡང་།
བདེ་བ་ཅན་གྱི་ཞིང་མིན།
གངས་ལྗོངས་གྲགས་པ་ཆུང་ཡང་།
སྤྱན་རས་གཟིགས་ཀྱི་རེད།
སྤུན་གྲོགས་ས་ཡ་མང་པོ།
རྒྱ་མིའི་འོག་ན་མནར་དུས།
རང་བཙན་ལས་དོན་བོར་ནས།
ཕྱི་རྒྱལ་བསྐྱོད་པ་ཞོག་དང་།
ཕྱི་རྒྱལ་ཡུལ་གྱི་དངུལ་དེ།
རིན་ཐང་ཆེ་བ་འདུག་སྟེ།
སྐྱིད་པའི་གངས་ཅན་ལྗོངས་དེ།
དངུལ་གྱིས་ཉོ་ས་མི་འདུག
གཞན་ཡུལ་ཅི་ཙམ་སྐྱིད་ཀྱང་།
གཏན་དུ་སྡོད་པའི་གནས་མིན།
གྲོགས་དག་ཐུགས་འཁུར་བཞེས་ཏེ།
རང་བཙན་དོན་ལ་འབུངས་ཤིག