དྲན་སེམས།

སྐྱིད་པའི་ཕ་ཡུལ་བཞག་ནས།
གཞན་ཡུལ་འགྲིམས་དགོས་བྱུང་སོང་།
གྲངས་མེད་གཡང་གཟར་ལམ་བུར།
རྐང་ཆུང་སྤོས་ནས་ཡོང་ཡོད།
ཆུ་ཀློང་གཉེར་མ་བཤིག་བཤིག
ཕ་མའི་འཛུམ་ཞལ་འདྲ་བྱུང་།
རི་མགོ་མཐོ་དམན་སྣ་ཚོགས།
སྤུན་མཆེད་ཡིན་ན་བསམས་བྱུང་།
རྒྱུས་མེད་གཞན་གྱི་ལུང་པར།
ཉི་མ་ལོ་ལས་རིང་བ།
ཟ་རྒྱུ་འཐུང་རྒྱུ་འཛོམས་ཀྱང་།
སེམས་པ་ཆགས་པ་མིན་འདུག