སྒྲན་སྙན་བཀྲ་ཤིས་རྒྱལ་པོ།
སྒྲན་སྙན་བཀྲ་ཤིས་རྒྱལ་པོར།
ཨ་མ་མིན་འདུག་མ་གསུངས།
ཕོ་ཤིང་་སྟག་པ་དེ་ཚེ།
ཨ་ཕ་མིན་ན་གང་རེད།
སྒྲ་སྙན་བཀྲ་ཤིས་རྒྱལ་པོར།
ཨ་མ་མིན་འདུག་མ་གསུངས།
མོ་ཤིང་གླང་མ་དེ་ཚོ།
ཨ་ཕ་མིན་ན་གང་རེད།
སྒྲ་སྙན་བཀྲ་ཤིས་རྒྱལ་པོར།
གསུང་སྐད་མིན་འདུག་མ་གསུངས།
མདོ་རེ་མི་ཕྰ་སོ་རླ་ཏི་ཏོ།
གསུང་སྐད་མིན་ན་གང་རེད།
སྒྲ་སྙན་བཀྲ་ཤིས་རྒྱལ་པོར།
སྤུན་མཆེད་མིན་འདུག་མ་གསུངས།
ཡང་ཅིན།
པི་ཝང་།
གླིང་བུ།
སྤུན་མཆེད་མིན་ན་གང་རེད།
སྒྲ་སྙན་བཀྲ་ཤིས་རྒྱལ་པོར།
བོད་ཀྱི་རོལ་ཆ་ཡིན་ནོ།
བོད་ཀྱི་ཐུན་མོང་མ་ཡིན་པའི།
བོད་ཀྱི་རོལ་ཆ་ཡིན་ནོ།
སྒྲ་སྙན་བཀྲ་ཤིས་རྒྱལ་པོར།
འགྲོ་དུས་རྒྱབ་ལ་འཁྱེར་ཡོད།
གཏང་དུས་པང་ལ་བླངས་ཡོད།
བཀྲ་ཤིས་བཀྲ་ཤིས་བྱས་ནས་རང་ཡུལ་ཕྱོགས་ལ་ལོག་འགྲོ།
རང་ཡུལ་ཕྱོགས་ལ་ལོག་འགྲོ།