དེང་སང་ང་ལ།

དེང་སང་ང་ལ་ག་རེ་བྱས་པ་ཡིན་ན།
མཛེས་པའི་བུ་མོ་ཁྱེད་རང་ཡང་ཡང་དྲན་གྱི་འདུག
མཚན་མོའི་ཉལ་བའི་རྨི་ལམ་ནང་ལ་ཡིན་ན་ཡང་།
བུ་མོ་ཁྱེད་ཀྱི་ཞལ་རས་རང་ཡང་ཡང་མཇལ་གྱི་འདུག
དེང་སང་ང་ལ་ག་རེ་བྱས་པ་ཡིན་ན།
མཛེས་པའི་བུ་མོ་ཁྱེད་རང་དྲན་གྱི་འདུག
མཚན་མོའི་རྨི་ལམ་ནང་ལ་ཡིན་ན་ཡང་།
བུ་མོ་ཁྱེད་རང་ཡང་ཡང་མཇལ་གྱི་འདུག
ས་ཕྱོགས་གང་དུ་ཕྱིན་ཡང་།
དྲན་རྒྱུ་ཁྱེད་ལས་མི་འདུག
བསམ་བློ་ག་ཚོད་བཏང་ཡང་།
བསམ་རྒྱུ་ཁྱེད་ལས་མི་འདུག
སེམས་པ་དགའ་བཞིན་དགའ་བཞིན།
བུ་ངས་གཞས་འདི་བཏང་བས།
ང་རང་དགའ་བའི་བུ་མོས།
ཁྱུག་ཙམ་གསན་ན་དགའ་བ།
ཁྱེད་རང་མཇལ་བའི་སྨོན་ལམ།
བུ་ངས་སེམས་ལ་བཅང་ཡོད།
གལ་སྲིད་ཁྱེད་རང་བྱུང་ན།
བུ་ངའི་བསམ་དོན་འགྲུབ་སོང་།