དྲན་གདུང་།

སྐྱངས་གཅིག་འཁོར་ལོའི་མགོནཔོ།
ཆོས་རྗེ་ཡིད་བཞིན་ནོར་བུའི།
གཟུགས་སྐུའི་བཀོད་པ་བསྡུས་ནས།
ཡ་་་དེ་རིང་ལོ་གསུམལོན་ཡོང་།
མགོན་མེད་ཉམ་ཐག་སློབ་བུམ།
འཁོར་མེད་བཀའ་དྲིན་བསམ་བཞིན།
ལོ་ཟླ་སྡུག་གི་ཁུར་བོ།
ཡ་་་་་བཁྱོལ་ཐབམ་བྱས་ནས་བསྡད་ཡོད།
ཨོ་་་་ཨོ་་་་ཨོ་་་་ཨོ་་་་་།
ལོ་ཟླ་སྡུག་གི་ཁུར་བོ།
ཡ་་་་་བཁྱོལ་ཐབམ་བྱས་ནས་བསྡད་ཡོད།
ཁྱེད་སྐྱ་དྲན་ཐེངས་རེ་ལ།
མིག་ཆུའི་འཕྲེང་བ་འཐོར་སོང་།
ཁྱེད་གསུང་དྲན་ཐེངས་རེ་ལ།
ཡ་་་་སྡུག་གི་ཨ་ཐང་ཆད་སོང་།
རླབས་ཆེན་སྙིང་སྟོབས་ཆེན་པོས།
རྒྱལ་བསྟན་དག་ཐེར་བགྱིས་ནས།
བསྟནཔའི་སྒྲོན་མི་སྦར་བའི།
ཡ་་་བཀའ་དྲིན་བརྗེད་པ་མ་གནང་།
ཨོ་་་་ཨོ་་་་ཨོ་་་་ཨོ་་་་་།
བསྟནཔའི་སྒྲོན་མི་སྦར་བའི།
ཡ་་་བཀའ་དྲིན་བརྗེད་པ་མ་གནང་།
གཞན་སེམས་མ་དཀྲུགས་ཞེས་དང་།
རང་ཚུགས་མ་ཤོར་ཞེས་པའི།
ལུགས་གཉིས་བསླབ་བྱའི་གདམས་པ།
ཡ་་་ནམ་ཡང་བརྗེད་པ་མ་གནང་།
ཁྱེད་སྐུ་ཉི་མ་གཞོན་ནུ།
རེ་ཞིག་ནུས་རེར་བཞུད་ཀྱང་།
སླར་ཡང་གདུལ་བྱའི་མགོན་དུ།
ཡ་་་་མྱར་དུ་འཆར་བའི་སྨོན་ལམ།
ཨོ་་་་ཨོ་་་་ཨོ་་་་ཨོ་་་་་།
སླར་ཡང་གདུལ་བྱའི་མགོན་དུ།
ཡ་་་་མྱར་དུ་འཆར་བའི་སྨོན་ལམ།
ཨོ་་་་ཨོ་་་་ཨོ་་་་ཨོ་་་་་།
སླར་ཡང་གདུལ་བྱའི་མགོན་དུ།
ཡ་་་་མྱར་དུ་འཆར་བའི་སྨོན་ལམ།