བདེ་སྐྱིད་གསར་སྐྱོང་།
བདེ་སྐྱིད་ཀྱི་ཉི་མ་རྗེས་སུ་ཤར་ཡོང་།
བོད་རིགས་སྤུན་ཟླ་རྣམས་ཚོ།
དགའ་བའི་འོད་ཟེར་འཕྲོས།
སྐྱིད་པའི་གླུ་དབྱངས་ལེན།
ཆོས་སྲིད་ཀྱི་མཛད་པ་ངོ་མཚར་ཆེ།
བོད་ལྗོངས་གསར་དུ་བཞད་སྐབས་ཕྱག་ན་པདྨོས་སྐྱོང་།
ཁོང་གི་དབུ་འཁྲིད་བཟང་པོ་དེས་བོད་ལྗོངས་བདེ་ལ་བཀོད།
ཆོས་སྲིད་ཟུང་འབྲེལ་རྗེས་སུ་ང་ཚོ་ཚང་མ་འགྲོ་དགོས།
བརྩེ་ཆེན་པད་དཀར་འཆང་བའི་གདུལ་ཞིང་།
ཁ་བ་ཅན་གྱི་འགྲོ་ཀུན་དགའ་བའི་འོད་ཟེར་འཕྲོས།
སྐྱིད་པའི་གླུ་དབྱངས་ལེན།
ཆོལ་གསུམ་གྱི་བོད་རིགས་མ་ལུས་པ།
བློ་སེམས་གཅིག་ཏུ་བསྒྲིལ་ཏེ།
རིགས་ཞེན་དམ་པོར་ཟུངས།
འདི་ཕྱིའི་དབུ་ཁྲིད་བཟང་པོ་དེས།
བོད་ལྗོངས་བདེ་ལ་བཀོད།
ཆོས་སྲིད་ཟུང་འབྲེལ་རྗེས་སུ།
ང་ཚོ་ཚང་མ་འགྲོ་དགོས།