བདེ་སྐྱིད་ཉི་མ་ཤར།

ནམ་མཁར་ཉི་མ་ཤར་པ་ནས།
འཛམ་གླིང་་མུན་པ་བསལ་སོང་།
དྲན་ཆེན་ཉི་མའི་དྲོད་ཀྱིས།
རྩ་ཤིང་ལོ་འབྲས་སྨིན་སོང་།
གངས་ཅན་ཡུལ་མི་རྣམས་ཀྱིས།
སྔོན་བསགས་བསོད་ནམས་ཆེ་བས།
ཡིད་བཞིན་ནོར་བུ་འཁྲུངས་བྱུང་།
སྐུ་ཚེ་རིང་བར་ཤོག
སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག
དགའ་བའི་ཉ་མ་ཤར་སོང་།
སྐྱིད་པའི་ཉི་མ་ཤར་སོང་།
ཁོང་གི་ཐུགས་རྗེའི་འོད་ཟེར།
འཛམ་གླིང་་ཡོངས་ལ་ཁྱབ་སོང་།
སྐུ་ཚེ་རིང་བར་ཤོག
སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག
འཛམ་གླིང་སྐྱེ་འགྲོ་རྣམས་ལ།
ཞི་བདེ་ཉི་མ་ཤར་བྱུང་།
སྐྱབས་མགོན་ཡིད་བཞིན་ནོར་བུས།
རྟག་ཏུ་སྐུ་ངལ་སྐྱོན་ནས།
ང་ཅག་བདེ་ལ་བཀོད་བྱུང་།
འགྲོ་བའི་ཉི་མ་ཁྱེད་ནི།
གཏན་དུ་བཞུགས་རོགས་གནང་དང་།
བོད་མི་ང་ཚོའི་བསོད་ནམས་རེད།
སོ་བདེ་བསོད་ནམས་རེད།
ང་ཚོའི་དབུ་འཁྲིད་འདྲ་བ་རྒྱལ་ཁབ་གཞན་སུ་ལའང་མེད།