ཟླ་འོད་གི་བརྩེ་དུང་།

ཟླ་འོད་གྱི་མལ་སྟན་མལ་སྟན་སྟིང་ན།
སྙིང་གཏམ་གྱི་མཚོ་མོ་མཚོ་མོ་འཕྱུར་སོང་།
གར་སྟབས་ཀྱི་བར་མཚམས་བར་མཚམས་བཞག་དུས།
སྨེ་བདུན་གྱི་རྩེ་རྟིང་རྩེ་རྟིང་བརྗེས་སོང་།
ཡིད་ཙམ་ལ་སྒུག་རོགས་སྒུག་རོགས་གནང་དང་།
ཡིད་འོང་གི་ཟླ་བ་ཟླ་བ་གཞོན་ནུ།
བརྩེ་དུང་སྙིང་གཏམ་སྙིང་གཏམ་ནང་ནས།
ལྷག་བསམ་གྱི་ཕབ་རྒྱུན་ཕབ་རྒྱུན་ཨེ་འདུག
ལྷག་བསམ་གྱི་ཕབ་རྒྱུན་ཕབ་རྒྱུན་ཨེ་འདུག
འཇའ་འོད་ཀྱི་གུར་ཁང་གུར་ཁང་ནང་ནས།
བརྩེ་དུང་གི་གླུ་དབྱངས་གླུ་དབྱངས་བླངས་སོང་།
ཕན་ཚུན་ལ་འཛུམས་ཞལ་འཛུམས་ཞལ་ཕུལ་དུས།
ཁྱེད་རང་འཛུམས་དཀར་འཛུམས་དཀར་འཁྱུད་སོང་།
ཁྱེད་རང་འཛུམས་དཀར་འཛུམས་དཀར་འཁྱུད་སོང་།
ཡིད་ཙམ་ལ་སྒུག་རོགས་སྒུག་རོགས་གནང་དང་།
ཡིད་འོང་གི་ཟླ་བ་ཟླ་བ་གཞོན་ནུ།
ས་སྟིང་གི་བརྩེ་དུང་བརྩེ་དུང་འདི་འདྲ།
མཁའ་དབྱིངས་ན་མཐོང་རྒྱུ་མཐོང་རྒྱུ་ཨེ་འདུག
མཁའ་དབྱིངས་ན་མཐོང་རྒྱུ་མཐོང་རྒྱུ་ཨེ་འདུག
ས་སྟིང་གི་བརྩེ་དུང་བརྩེ་དུང་འདི་འདྲ།
མཁའ་དབྱིངས་ན་མཐོང་རྒྱུ་མཐོང་རྒྱུ་ཨེ་འདུག