དར་སེང་གང་ལ་མྱུར་དུ་འཁོར་ཡོང་།

ངའི་སྐྱིད་པའི་ཕ་ཡུལ།
ངའི་སྐྱིད་པའི་ཕ་ཡུལ་གངས་ལྗོངས།
ང་ནི་མི་ཡུལ་གཞུང་ལ།
ཉི་མ་ལོ་ལས་རིང་བ།
མི་ཡུལ་གཞུང་ལ་གངས་སེང་སྐྱི་བྱུང་།
ངའི་གཞིས་ལུས་སྤུན་ཟླ།
ངའི་བརྩེ་བའི་སྤུན་ཟླ་བོད་མི།
ང་ཡི་མི་ཡུལ་གཞུང་ནས།
དུས་དང་རྣམ་པ་ཀུན་ཏུ།
ཁྱེད་ཚོའི་རེ་བ་དར་སེང་ང་ཡི་སྒྲུབ་ཡོང་།
ངའི་མཆོད་པའི་བླ་མ།
ངི་མཆོད་པའི་ལྷ་སྲུང་དམར་ནག
བུ་ངའི་མགོན་གྲོགས་གནང་ཤོག
ཕ་ལྟར་ཉི་གདུགས་གནང་ཤོག
ཐུགས་དང་ནུས་པ་དར་སེང་ང་ལ་བཅོལ་ཅིག
ངའི་མི་ཚེ་འདི་ཡི་ནང་ལ།
ངའི་སྲོག་ལས་ལྷག་པ་རང་བཙན།
ངནི་གངས་སེང་དཔའ་བོ།
གངས་ལྗོངས་ང་ཡི་སྲོག་རྩ།
དར་སེང་གངས་ལ་མགྱོགས་ནས་མྱུར་དུ་འཁོར་ཡོང་།