དྭང་སློབ་བསྟོད་གཞས།
དྭང་སློབ་ང་ཚོའི་ལོ་རྒྱུས།
མདོར་བསྡུས་ཙམ་ཞིག་ཞུས་ན།
རིས་མེད་ཆོལ་གསུམ་སྤྱི་ཚོགས།
དམ་ཚིག་རྡོག་རྩ་ཆིག་སྒྲིལ།
༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི།
བཀའ་སློབ་སྙིང་ལ་བཅངས་ཡོད།
ན་གཞོན་ང་ཚོའི་དཔའ་རྩལ།
དམ་ཚིག་ལྷག་བསམ་ཟུང་འབྲེལ།
དཀར་སྲུང་དམར་ནག་འཕྲིནག་ལས།
ཟུང་ཁ་ཆིག་ཏུ་བསྒྲིལ་ཡོད།
ང་ཚོས་གནམ་མཆོང་རྒྱག་དུས།
ཐང་དཀར་རྒོད་ཀྱང་ཟུར་སོང་།
སྲིད་པའི་གངས་རིར་འཛེགས་དུས།
མི་འཇིགས་སེང་གེ་ཟུར་སོང་།
བྲག་དང་གཡང་ལ་འཛེགས་དུས།
གེ་སེར་འབྲོང་ཡང་ཟུར་སོང་།
ནགས་གསེབ་སྟུག་པོར་ཉུལ་དུས།
སྟག་གཟིག་དོམ་ཡང་ཟུར་སོང་།
སྔོན་མོའི་ཆུ་ལ་ཞུགས་དུས།
ཉ་ཆུང་གསེར་མིག་ཟུར་སོང་།
དགྲ་བོར་མཚོན་ཆ་འདེགས་དུས།
སྟོབས་ལྡན་དཔའ་བོ་ཟུར་སོང་།
དྭང་སློབ་ང་ཚོའི་ལོ་རྒྱུས།
མདོར་བསྡུས་ཙམ་ཞིག་ཞུས་ན།
མ་རུང་རྒྱ་དམར་དཔུང་ཚོགས།
དྭང་སློབ་ང་ཚོས་བཅོམ་ཡོང་།