མདང་དགོང་།

མདང་དགོང་རླུང་འཚུབ་རྒྱབ་པའི་མཚན་མོ་དེར།
ངས་ཁྱེད་རང་ལྷང་ལྷང་དུ་དྲན་བྱུང་།
ཁྱེད་རང་ཁུ་སིམ་ཁུ་སིམ་རྒྱབ་ཏུ་ངུས་པ་དེ་དྲན་བྱུང་།
ཉིན་ལྟར་རྨི་ལམ་ནང་དུ་ཁྱེད་རང་མཇལ།
ངའི་སེམས་པ་སྐྱིད་པོ་མི་འདུག
ཁྱེད་རང་བསམ་བཞིན་བསམ་བཞིན་ཉིན་ལྟར་གཞས་དེ་བཏང་ཡིན།
ང་ཁྱེད་དང་མཉམ་དུ་གཤིབ་པའི་ལས་ཤིག་མ་བྱུང་ཡང་།
ང་ཡི་སེམས་ཁྱེད་ཀྱི་ཕྱོགས་སུ་ཡོད།
ངས་ཉིན་ལྟར་ཁྱེད་རང་ང་ཡི་མཉམ་དུ་ཡོད་ན་བསམ།
བུ་ཆུང་ངས་ཁྱེད་རང་བརྗེད་ཐབས་མི་འདུག
མདང་དགོང་རླུང་འཚུབ་རྒྱབ་པའི་མཚན་མོ་དེ།
ངས་ཁྱེད་རང་ལྷང་ལྷང་དུ་དྲན་བྱུང་།
ཁྱེད་རང་ངུ་བཞིན་ངུ་བཞིན་འགྲོ་བའི་མཚན་མོ་དེ་དྲན་བྱུང་།
ཉིན་ལྟར་ཁྱེད་རང་མིག་གི་མདུན་དུ་ཤར།
ངའི་སེམས་པ་གཏིང་ནས་སྐྱོ་བྱུང་།
ཁྱེད་རང་དྲན་བཞིན་དྲན་བཞིན་བུ་ང་མིག་ཆུ་ཤོར་བྱུང་།